当前位置: 主页 > 新闻广播 > >> 正文

【8.23】ཡུས་ཧྲུའུ་གསར་འགྱུ

来源:网络整理 2019-09-11 05:41   编辑:管理员  

 

标准

【8.23】ཡུས་ཧྲུའུ་གསར་འགྱུ

玉树发布

关注

“玉树发布”欢迎您来稿,内容可以是文字、图片或视频,原创加分哦,投稿邮箱:yushufabu@126.com

州广播电视台

༡.པེ་ཅིན་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡན་དབྱིང་གིས་ལབ་ཞང་དུ་བོད་རིགས་དམངས་སྲོལ་གྲོང་ཚོའི་རིག་གནས་ཡུལ་སྐོར་དབུལ་སྐྱོར་ཚན་པ་དོན་འཁྱོལ་བྱས་ཚུལ་ལ་བརྟག་ཞིབ་བྱས་པ་རེད།

༼འདྲེན་ཚིག༽ སྤྱི་ཟླ་8ཚེས་20ཉིན། པེ་ཅིན་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། གྲོང་ཁྱེར་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡན་དབྱིང་་འཁོར་དང་བཅས་པ་ཁྲི་འདུ་རྫོང་ལབ་ཞང་དུ་སོང་ནས་བོད་རིགས་ཤང་གི་རིག་གནས་ཡུལ་སྐོར་དབུལ་སྐྱོར་ཚན་པ་དོན་འཁྱོལ་བྱས་ཚུལ་ལ་བརྟག་ཞིབ་གནང་པ་རེད། ཁུལ་ཨུ་རྒྱུན་ཨུའམ། ཁུལ་གཙོ་གཞོན་པ་ཡོན་ཧའོ་ཙུང་དང་ཁུལ་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟླ་བ་ཚེ་རིང་སོགས་མཉམ་དུ་སོང་ནས་བརྟག་ཞིང་བྱས་པ་རེད།

༼ནང་དོན་དངོས༽བརྟག་ཞིབ་ཚོ་ཆུང་གིས་ཡུལ་དངོས་ནས་བོད་རིགས་ཤང་གི་རིག་གནས་ཡུལ་སྐོར་དབུལ་སྐྱོར་ཚན་པ་སྟེ། རིག་གནས་ཐང་ཆེན་དོན་འཁྱོལ་བྱས་ཚུལ་དང་ཐོབ་པའི་ཕན་འབྲས་ལ་བརྟག་ཞིབ་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2012ལོ་ནས་བཟུང་པེ་ཅིན་གྲོང་ཁྱེར་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་མོ་ཁྲི་1930བཏང་ནས་ལབ་ཞང་གི་ཡུལ་སྐོར་དབུལ་སྐྱོར་ཚན་པ་ལག་བསྟར་བྱས་པ་རེད།

བརྟག་ཞིབ་ཚོ་ཆུང་གིས་ལབ་ཞང་གི་ས་གནས་དེ་གའི་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་ཐོབ་པའི་ཕན་འབྲས་བཟང་པོ་དང་གོམ་སྟབས་རྗེས་མར་ཁོང་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཁས་ལེན་གང་ལེགས་བྱས་པ་དང་འབྲེལ། རིག་གནས་ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས་དོན་འཁྱོལ་དང་དེ་ལས་ཐོན་པའི་སྤྱི་ཚོགས་ཀྱི་ཕན་འབྲས་ཀྱིས་ས་གནས་དེ་གའི་མང་ཚོགས་དབུལ་ཐར་ཕྱུག་འགྱུར་ལ་སྐུལ་འདེད་ནུས་ལྡན་གཏོང་བའི་ཐད་ཐོན་པའི་དགེ་མཚན་ལྡན་པའི་ནུས་པར་ཁས་ལེན་གང་ལེགས་བྱས་པ་རེད།

ཡན་དབྱིང་གིས་རིག་གནས་ཡུལ་སྐོར་གྱི་དབུལ་སྐྱོར་ཚན་པ་དོན་འཁྱོལ་བྱེད་པར། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་རིག་གནས་ཡུལ་སྐོར་དབུལ་སྐྱོར་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་པ་བརྒྱུད་སྲིད་གཞུང་གིས་གཙོ་ཁྲིད་དང་སྙོམས་སྒྲིག་། མཉམ་ལས་ཁང་གི་གཉེར་སྐྱོང་དོ་དམ། གྲོང་མིས་མཉམ་སྐྲུན་མཉམ་སྤྱོད་བཅས་བྱས་ཏེ། གནས་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་བྱེད་པའི་ས་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད། རིག་སྐྱོར་དང་བློ་སྐྱོར་གྱི་རོགས་སྐྱོར་གཉིས་ཀྱི་ལས་དོན་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་རང་ཉིད་ཀྱི་ལམ་སྲོལ་ཆགས་པ་བྱས་ཏེ། གྲོང་མིའི་ཞུགས་སེམས་དང་ཐོབ་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། དབུལ་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱེད་དགོས། ས་གནས་སྲིད་གཞུང་གིས་དུས་རབས་ཀྱི་གོམ་སྟབས་དང་བསྟུན་ནས་འཕེལ་རྒྱས་ལ་ཕན་པའི་ཕྱོགས་ཁག་གི་གོ་སྐབས་སྟངས་འཛིན་ཡག་པོ་བྱས་ཏེ། རྣམ་པ་གསར་རྐྱང་གི་ཐོག་ནས་མི་སེར་གྱི་སྣེ་ཁྲིད་དེ་གོམ་སྟབས་ཆེན་པོས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་དགོས་པའི་ནན་བཤད་གནང་བ་རེད།

འཇམ་དབྱངས་ལྷ་མོ།

分享到:
猜您喜欢的